རྡོ་རྗེ་བཀྲ་ཤིས་ཀྱིས་ཚེ་བཙོན་ཁྲིམས་ཆད་ལ་ངོས་ལེན་མེད་ཟེར།

Your browser doesn’t support HTML5

བོད་པ་ཚོང་པ་འབྱོར་ལྡན་དང་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལ་རྒྱ་ནག་གཞུང་གིས་དངུལ་བུན་གཡོ་ལེན་གྱི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། ཁོང་གིས་རང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་ངོས་ལེན་བྱེད་ཀྱི་མེད་པར་བརྟེན། ཁོང་གི་ཁྲིམས་རྩོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་བོད་པ་ཚོང་པ་དེར་ཚེ་བཙོན་གྱི་ཁྲིམས་བཅད་པར་བསྐྱར་ཞིབ་བྱ་དགོས་པའི་ཞུ་གཏུག་ཐེངས་གཉིས་པ་བྱེད་བཞིན་འདུག