རྒྱ་གཞུང་གིས་ཆོས་དད་རང་དབང་ལ་དམ་དྲག

Your browser doesn’t support HTML5

༄༅།། རྒྱ་ནག་གཞུང་གིས་ཡུལ་དེའི་ཆོས་ཚོགས་ཁག་ལ་དམ་དྲག་བྱ་རྒྱུའི་སྒྲིག་གཞི་གསར་པ་ཞིག་ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། སྒྲིག་གཞི་གསར་པ་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་བློ་འཚབ་ཧ་ཅང་ཆེན་པོ་བྱེད་བཞིན་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་རྒྱུ་རེད།