ནད་ཡམས་ཀྱི་ཤུགས་རྐྱེན།

Your browser doesn’t support HTML5

གློ་ཚད་ནད་ཡམས་དེའི་རྐྱེན་གྱིས་རྒྱ་ནག་གི་ཆབ་སྲིད་ཚོགས་ཆེན་གཉིས་ཕྱིར་འགྱངས་བྱ་འཆར་ཡོད་པ་དང་། ནད་ཡམས་བྱུང་སའི་ཧའུ་པེ་ཞིང་ཆེན་གྱི་མགོ་གཙོ་ལས་གནས་ནས་ཕྱིར་སྤས་བཏང་བ་བཅས་རྒྱ་ནག་གི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་བཞིན་པ་རེད་ལ། ཡང་འགྲོ་བསྐྱོད་བཀག་སྡོམ་དང་ཟླ་ངོ་གཅིག་ལྷག་གི་རིང་ལ་ཚོང་ལས་སོགས་སྒོ་བརྒྱབ་པ་ཡིས་རྒྱ་ནག་གི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་བཅས། ནད་ཡམས་ཀྱིས་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ལ་ཐེབས་བཞིན་པའི་ཤུགས་རྐྱེན་སྐོར་ནས་བགྲོ་གླེང་བྱ་རྒྱུ།