རྩྭ་ས་མེར་སྲེག་གི་དོགས་གཞིའི་འོག་བོད་པ་ཞིག་འཛིན་བཟུང་།

Your browser doesn’t support HTML5

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༡༢་ནས་༡༣་བར་དུ་བོད་ནང་གི་རྔ་པ་བོད་རིགས་རང་སྐྱོང་ཁུལ། ཁྲུང་ཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་གི་རྩྭ་སར་མེ་སྐྱོན་ཚབས་ཆེན་བྱུང་ཞིང་། རྩྭ་ས་མེར་སྒྲོན་མཁན་ནི་ཁྱུང་ཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་བོད་པ་སྐྱེས་པ་ཞིག་གིས་ཐ་མག་འཐེན་ནས་མེ་སྐྱོན་བྱུང་ཡོད་པའི་དོགས་གཞིའི་འོག་ས་གནས་ཁྱུང་ཆུ་རྫོང་གི་ཉེན་རྟོག་པས་བོད་པ་ཞིག་འཛིན་བཟུང་བྱས་སོང་ཞེས་ས་གནས་དེའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་ཡོད་པའི་སྐོར།