ཨ་རིའི་ཞིབ་འཇུག་ལས་ཁང་ཁག་ལ་རྒྱ་ནག་སིམ་འཛུལ།

Your browser doesn’t support HTML5

རྒྱ་ནག་གིས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་ལག་རྩལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པར་ཨ་རིའི་གཞུང་དམངས་གཉིས་ཀྱིས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སི་ཀོ་ཊིས་རྒྱ་ནག་གཞུང་གིས་འགྲོ་གྲོན་ཕོན་ཆེན་བཏང་སྟེ་ཨ་རིའི་གནད་འགག་ཆེ་བའི་སྨན་དང་འཕྲུལ་རྩལ་སོགས་ཀྱི་ཞིབ་འཇུག་ལས་ཁང་ཁག་ལ་སིམ་འཛུལ་དང་གསང་བའི་ཤེས་བྱ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པར་ཨ་རིའི་གཞུང་གིས་བརྟག་དཔྱད་ནན་པོ་བྱེད་དགོས་ཀྱི་འདུག་ཅེས་ཕྱག་བྲིས་ཤིག་ཕུལ་ཡོད་པའི་སྐོར།