རྒྱ་ནག་གི་གློ་ཚད་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་འདུ།

Your browser doesn’t support HTML5

རྒྱ་ནག་གི་ལོ་སར་འཆར་ལ་ཉེ་བའི་དུས་འདིར་རྒྱ་མི་སྟོང་ཕྲག་མང་པོ་རང་གི་ཕ་མ་སྤུན་མཆེད་ཚོར་ཐུག་འཕྲད་དུ་བསྐྱོད་སྲོལ་ཡོད་ཀྱང་ཉེ་དུས་རྒྱ་ནག་ནས་ཁྱབ་པའི་གློ་ཚད་གསར་པ་དེ་འགྲིམ་འགྲུལ་བརྒྱུད་ནས་ཕྱི་ནང་གང་སར་ཁྱབ་གདལ་ཤུགས་ཆེན་འགྲོ་སྲིད་པར་བརྟེན། རེས་གཟའ་ལྷག་པའི་ཉིན་མོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཛ་དྲག་གི་ཚོགས་འདུ་ཞིག་བསྐོངས་ནས་རྒྱ་ནག་གི་གློ་ཚད་དེ་བཀག་སྡོམ་ཇི་ལྟར་བྱ་དགོས་མིན་ལ་གྲོས་བསྡུར་བྱ་འཆར་ཡོད་པའི་སྐོར།