རྒྱ་ནག་གིས་བདམས་པའི་ཡང་སྲིད་ལ་བོད་མི་ཚོས་ངོས་ལེན་བྱེད་ཀྱི་མ་རེད།

Your browser doesn’t support HTML5

རེས་གཟའ་ཉི་མའི་ཉིན་གནས་མཆོག་རྡོར་རྗེ་གདན་དུ་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་ནང་༧གོང་ས་མཆོག་གིས་གལ་སྲིད་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་བདམས་པ་ཡིན་ན། དེར་བོད་མི་ཚོས་མོས་མཐུན་ངོས་ལེན་བྱེད་ཀྱི་མ་རེད་ཅེས་བཀའ་ལན་བསྩལ་འདུག་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།