རྒྱ་ནག་ནི་འཛམ་གླིང་སྟེང་གི་ཕུལ་དུ་བྱུང་བའི་ལྐོག་མིག་ཅན་གྱི་སྲིད་གཞུང་ཡིན་ནམ།

Your browser doesn’t support HTML5

རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་བ་དང་དེ་མིན་གྲངས་ཉུང་མི་རིགས་ཁག་ལ་དོགས་པ་བྱས་ཏེ་དེང་དུས་ཀྱི་པར་ཆས་འདྲ་མིན་གང་སར་བསྒར་ཡོད་པ་དེ་ནི་ས་གནས་ཀྱི་ཡུལ་མི་ཚོར་རྒྱ་ནག་གཞུང་གིས་ཡིད་ཆེས་སྤུ་ཙམ་མེད་པས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་ནི་དེང་སྐབས་འཛམ་གླིང་ནང་གི་ཕུལ་དུ་བྱུང་བའི་དོགས་སྲུང་པར་ཆས་ཡོད་པའི་སྲིད་གཞུང་ལ་འགྱུར་བཞིན་མིན་ཐད་ཉམས་ཞིབ་པ་ཚོས་དྲི་བ་འགོད་བཞིན་ཡོད་པའི་སྐོར།