སྤྱི་ཚོགས་ཞབས་ཞུ་བ་ཁང་རྟག་ཕུན་ཚོགས་རྣམ་རྒྱལ།

Your browser doesn’t support HTML5

ཕུན་ཚོགས་རྣམ་རྒྱལ་ལགས་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་རྡུ་ནང་གི་རྣམ་རྒྱལ་གཞི་རིམ་དང་མཐོ་རིམ་སློབ་གྲྭ་འགྲིམས་ཤིང་། སློབ་གྲྭའི་ནང་དུ་བོད་ཀྱི་རོལ་ཆ་དང་ལྷ་མོ་སོགས་ལ་སྦྱངས་བརྩོན་གྱིས་འཁྲབ་སྟོན་གྱི་བྱེད་སྒོ་ཁག་ལ་ཞུགས། དེང་སྐབས་ནཱལེནྡྲ་ལུང་རྟོགས་བསྟན་རྒྱས་གླིང་དགོན་དུ་ཁོར་ཡུག་སྲུང་སྐྱོབ་དང་འཛིན་སྐྱོང་གི་ལས་དོན་སྒྲུབ་མུར་ཞི་བདེ་སྐྱེད་ཚལ་རོལ་དབྱངས་རུ་ཁག་ཏུ་ཞུགས་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་སྒྲུབ་བཞིན་པ་རེད།།