ལོ་གསར་སྐབས་ལ་ཧོང་ཀོང་ནང་ཡང་བསྐྱར་ཉེན་རྟོག་པ་༦༠༠༠ལྷག་གཏང་རྒྱུ་རེད་འདུག

Your browser doesn’t support HTML5

ལོ་གསར་པ་ཤར་ལ་ཉེ་བའི་སྐབས་འདིར། ཧོང་ཀོང་གཞུང་གིས་ཉེན་རྟོག་པ་༢༠༠༠ཧོང་ཀོང་གླིང་ཕྲན་དུ་གཏང་རྒྱུ་དང་། གཞན་ཡང་ཉེན་རྟོག་པ་༡༠༠༠་ལྷག་ཁོ་ལོང་དུ་གཏང་རྒྱུ་རེད་འདུག། ལོ་གསར་པའི་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན། ཡང་བསྐྱར་ཉེན་རྟོག་པ་༣༠༠༠་ས་གནས་དེར་གཏང་རྒྱུ་ཡིན་པས་གང་ལྟར་ཁྱོན་སྡོམ་ཉེན་རྟོག་པ་༦༠༠༠ལྷག་ངོ་རྒོལ་བར་དྲག་གནོན་བྱེད་ཆེད་གཏང་རྒྱུ་རེད་འདུག གནས་ཚུལ་ཞིབ་ཕྲ་ཚེ་རིང་དབང་མོ་ནས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་རྒྱུ་རེད།