སྲིད་འཛིན་ཊམ་ཁྲིམས་སྦྱོར་གྱི་འོས་ཤོག་འཕངས་པ།

དེ་རིང་ཕྱི་ཚེས་༡༨་ཉིན་ཨ་རིའི་གྲོས་ཚོགས་འོག་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་དབང་ཆ་བཀོལ་སྤྱོད་ལོག་པ་བྱས་པའི་སྐྱོན་འཛུགས་ཐོག་ཏུ་སྲིད་འཛིན་ཁྲིམས་ལ་སྦྱར་དགོས་པའི་འོས་ཤོག་འཕངས་ཡོད་ཅིང་། འདི་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་ཞིག་ཁྲིམས་ལ་སྦྱར་བ་ཐེངས་གསུམ་པ་དེར་འགྱུར་རྒྱུ་ཡིན་པར་བརྟེན། སྲིད་འཛིན་ཊམ་གྱིས་དམངས་གཙོ་ཚོགས་པའི་བྱ་སྤྱོད་དེ་སྲིད་དབང་བཙན་འཕྲོག་གི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།

Your browser doesn’t support HTML5

སྲིད་འཛིན་ཊམ་ཁྲིམས་སྦྱོར་གྱི་འོས་ཤོག་འཕངས་པ།