ཧོང་ཀོང་གི་འོས་སྡུའི་གྲུབ་འབྲས་ལ་རྒྱ་ནག་གིས་དོགས་སློང་།

Your browser doesn’t support HTML5

ཧོང་ཀོང་གི་གྲོང་སྡེ་ལྷན་ཁང་གི་འཐུས་མི་རྣམས་འོས་འདེམས་བྱས་ནས་རྒྱ་ནག་ལ་ཕྱོགས་གཏོགས་པ་ཚོར་ཕམ་ཉེས་ཆེན་པོ་བྱུང་ཞིང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་གནས་འོས་འདེམས་ལ་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱས་པ་དང་ངན་བྱུས་བཤམས་ནས་དེ་ལྟར་བྱུང་ཡིན་སྲིད་པའི་དོགས་སློང་བྱེད་ཀྱི་ཡོད་པར་མ་ཟད།