སྐལ་བཟང་ཚེ་རིང་། གློག་བརྙན་བཟོ་སྐྲུན་མཐུན་སྦྱོར་བ།

Your browser doesn’t support HTML5

ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གནས་འཁོད་སྐལ་བཟང་ཚེ་རིང་ལགས་ནི་བཙན་བྱོལ་སྤྱི་ཚོགས་སུ་བོད་དང་འབྲེལ་བའི་གློག་བརྙན་བཟོས་པ་ཕལ་མོ་ཆེ་པར་བརྒྱབ་པ་དང་གློག་བརྙན་འཁྲབ་སྟོན་ལ་མཉམ་རོགས་བྱས་པ་སོགས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་མི་ཞིག་ཡིན་པར་མ་ཟད། ཁོང་གིས་དངོས་བྱུང་གློག་བརྙན་ཡང་ཁ་ཤས་བཟོས་ཡོད་པ་རེད།