རི་ཆར་ཌི་གྷིར་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས།

Your browser doesn’t support HTML5

ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷི་ཡར་ལ་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་ཧྥུ་ལོ་རེན་སི་གྲོང་ཁྱེར་གྱི་ལྡེ་མིག་ཕུལ་ནས་གཟེངས་རྟགས་སྤྲད་འདུག འདི་ནི་རི་ཆར་ཌི་གྷི་ཡར་གྱིས་འདས་པའི་ལོ་མང་རིང་འགྲོ་བ་མི་ལ་ཕན་བདེ་བསྒྲུབས་པའི་མཛད་རྗེས་་ཁག་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་། ཆོས་དད་རང་དབང་བཅས་ཀྱི་ལས་དོན་རྒྱ་ཆེན་བསྒྲུབས་ནས་འཐབ་རྩོད་བྱས་པའི་གྲུབ་འབྲས་ཁག་ལ་ངོས་འཛིན་ཐོབ་པ་ཞིག་ཡིན་པའི་སྐོར།