༄༅།།བོད་དོན་ལས་འགུལ་པ་བསྟན་འཛིན་བརྩོན་འགྲུས་ལགས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་ཁང་དུ་བཅུག་འདུག་པ་དང་། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མ་ཌ་རས་ཉེ་འགྲམ་ཀོ་ཏ་ཀུ་པམ་གྲོང་ཚོའི་བདེ་འཇགས་ཉེན་རྟོག་པས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལ། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཆོག་མཆན་མེད་པར་མངའ་སྡེའི་ནང་ཞུགས་པ་དང་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱིས་ཡིག་ཆ་མཉམ་འཁྱེར་བྱས་འདུག་པར་བརྟེན་བདེ་འཇགས་ཆེད་འཛིན་བཟུང་བྱས་ནས་ད་ལྟ་བཀག་ཉར་འོག་ཡོད་ཅེས་འགྲེལ་བརྗོད་བྱས་འདུག་པའི་སྐོར་རྣམ་རྒྱལ་ཤཱསྟྲིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་ཡོད།།
Your browser doesn’t support HTML5
བསྟན་འཛིན་བརྩོན་འགྲུས་ལགས་འཛིན་བཟུང་།