སྔོ་ལྗང་གི་ཧི་མ་ལ་ཡ།

Your browser doesn’t support HTML5

བོད་ཀྱི་བླ་ཆེན་འབྲི་གུང་སྐྱབས་མགོན་ཆེ་ཚང་གི་བཀའ་དགོངས་ལྟར་༢༠༡༥་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་བཙུགས་པ་རྒྱ་གར་གྱི་ཁོར་སྲུང་སྐྱོབ་ཚོགས་པ་ཁག་ལ་མཉམ་འབྲེལ་གྱིས་སྔོ་ལྗང་གི་ཧི་མ་ལ་ཡ་ཞེས་པའི་ལས་འཆར་ཞིག་གཉེར་འགོ་ཚུགས། ཚོགས་པ་དེས་ལ་དྭགས་ཀྱི་སྤང་གོང་མཚོའི་ཁོར་ཡུག་སྲུང་སྐྱོབ་དང་ལ་དྭགས་ཕྱོགས་སུ་ཤིང་སྡོང་འདེབས་འཛུགས་ཀྱི་ལས་འཆར་ཞིག་སྤེལ་གྱི་ཡོད་པའི་སྐོར།