ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས་པའི་མིང་རྟགས་བསྡུ་རུབ།

Your browser doesn’t support HTML5

༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་སྤྱི་དམངས་མཱེ་ཁེལ་ཁེ་རུ་ཛི་བྷག་ཞེས་པ་ཞིག་གིས་འཇར་མན་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས། འཇར་མན་མི་དམངས་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་རྒྱུ་དེར་རྒྱབ་སྐྱོར་བྱ་དགོས་ཞེས་སྙན་ཞུ་ཞིག་ལ་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་བརྩམས། ད་ལྟ་སྐུ་ཞབས་ཁེ་རུ་ཛི་བྷག་གི་སྙན་ཞུ་དེར་མི་ཁྲི་ཚོ་༥་དང་སྟོང་ཕྲག་༣་ལྷག་གིས་མིང་རྟགས་བཀོད།