ཧོང་ཀོང་གི་ལས་འགུལ་བོད་པ་ཚོས་གདུང་སེམས་མཉམ་སྐྱེད།
Your browser doesn’t support HTML5
།ཧོང་ཀོང་ནང་འདས་པའི་ཟླ་བ་གཉིས་ལ་ཉེ་བར་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། བདུན་ཕྲག་འདིར་བཞུགས་སྒར་དྷ་རམ་ས་ལར་བོད་པ་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་བསྐོར་གྱི་ལས་འགུལ་ཞིག་བྱས་ཡོད་པ་རེད། ད་རིང་གི་ཀུན་གླེང་ལས་རིམ་གྱིས་ཧོང་ཀོང་མི་མང་གི་ཞི་བའི་ངོ་རྒོལ་ལས་འགུལ་དེར་བོད་པ་ཚོས་ལྟ་སྟངས་དང་གདུང་སེམས་མཉམ་སྐྱེད་གང་བྱེད་ཐུབ་རྒྱུ་ཡོད་པ་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།