ཅེག་དང་ཕེ་རུའི་ཁྲིམས་བཟོ་བ་ཚོས་ཐེ་ཝན་ལ་རྒྱབ་སྐྱོར།

Your browser doesn’t support HTML5

འདི་ཟླའི་ཚེས་༢༠་ནས་ཚེས་༢༨་བར་དུ་སུད་ཛར་ལན་ཌའི་ཇཱི་ཎི་ཝྭ་གྲོང་ཁྱེར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཚོ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཕེ་རུའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་འཇུག་དགོས་པ་དེར་རྒྱབ་སྐྱོར་ཡོད་ཅེས་གསལ་སྟོན་གནང་ཡོད་པ་དང་།