རྒྱལ་སྤྱིའི་འགྱིག་གི་གད་སྙིགས་བཀག་སྡོམ་གྱི་གྲོས་མཐུན།

Your browser doesn’t support HTML5

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ས་ཆུ་གཉིས་ཀ་འགྱིག་གི་སྙིགས་རོས་འབག་བཙོག་བྱས་ནས་འདུད་འགྲོ་སེམས་ཅན་དང་མིའི་འཕྲོད་བསྟེན། དེ་བཞིན་རང་འབྱུང་ཁོར་ཡུག་སོགས་གང་ཅིའི་ཐད་དུ་གནོད་སྐྱོན་ཧ་ཅང་ཚབས་ཆེན་ཞིག་འབྱུང་གི་ཡོད་པའི་དཀའ་ངལ་སེལ་ཐབས་སུ་རྒྱལ་ཁབ་མང་པོས་འགྱིག་གི་སྙིགས་རོ་རྣམས་ཉོ་ཚོང་བྱེད་ཕྱོགས་ལ་དམ་དྲག་བྱ་རྒྱུའི་གྲོས་མཐུན་ཞིག་འཇོག་ཐབས་བྱེད་ཀྱི་ཡོད་པ་དེར་རྒྱལ་ཁབ་༡༨༧་ཀྱིས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཡོད་མོད།