ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་རྣམས་ཕྱིར་འཐེན།

༄༅།། ལྷོ་ཨ་མི་རི་རིའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་རྒྱལ་ས་ཁ་ར་ཁ་སི་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་ལས་བྱེད་པ་རྣམས་མུ་མཐུད་དུ་རྒྱལ་ཁབ་དེར་བཞག་ན་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་བྱུས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་འབྱུང་གི་འདུག་ཅེས་རྒྱུ་མཚན་བགྲངས་ནས་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་བཞག་ཡོད་པ་རྣམས་ཀྱང་ཕྱིར་འཐེན་ཆ་ཚང་གནང་གི་ཡོད་ཅིང་། ཨ་མི་རི་ཀ་དང་ཝྭེ་ནེ་ཛུ་ལའི་འབྲེལ་བ་སྡུག་ཏུ་སོང་བའི་རྗེས་སུ་ཨ་མི་རི་ཀས་ཕྱི་ཟླ་དང་པོའི་ནང་དུ་རྒྱལ་ས་ཁ་ར་ཁ་སིར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་དགོས་ངེས་ཀྱི་ལས་བྱེད་པ་རྣམས་མ་གཏོགས་དེ་མིན་གྱི་ལས་བྱེད་པ་བྱིངས་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའི་བཀའ་བཏང་ཡོད་པ་སོགས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།།

Your browser doesn’t support HTML5

ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་རྣམས་ཕྱིར་འཐེན།