༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།

Your browser doesn’t support HTML5

༄༅།། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་རོང་གཞིས་བྱེས་མི་མང་ཐུན་མོང་དང་ཤེས་རིག་ལྷན་ཁང་། ཚོང་བའི་ཚོགས་པ་བཅས་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱིས་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། ༧གོང་ས་མཆོག་གིས་ཀྱང་མགོན་པོ་གང་ཉིད་ལ་དད་པ་དམ་ཚིག་གཡོ་བ་མེད་པའི་མི་མང་གི་སྨོན་ལམ་ལ་བཀའ་སློབ་བསྩལ་འདུག