ཨ་རིའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་གྲུབ་འབྲས།

༄༅།། སྤྱིར་འཛམ་གླིང་གི་ཡུལ་གྲུ་མང་པོར་ཕོ་མོ་དབྱེ་འབྱེད་དང་རིགས་རུས་ཀྱི་ཁྱད་པར། འཇོན་ཐང་སོགས་ཀྱི་དབང་གིས་དབྱེ་འབྱེད་མང་དུ་མཆིས་ཤིང་། འདས་པའི་ལོ་རྒྱུས་སུ་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་དང་འཛིན་སྐྱོང་ལས་དོན་ཁག་ལ་བུད་མེད་ཀྱི་བྱས་རྗེས་བཞག་པ་མཐོང་ཐོས་དཀོན། འདི་ནི་སྤྱི་ཚོགས་སུ་བུད་མེད་ལ་ཐོབ་ཐང་དང་གོ་སྐབས་གཅིག་མཚུངས་མེད་པ་དེ་ལས་བྱུང་ཡོད་པ་སྟེ། དུས་རབས་༡༨་དང་༡༩་པའི་ནང་དུ་བུད་མེད་ལ་ཐོབ་ཐང་གཅིག་མཚུངས་ཤིག་འཐོབ་རྒྱུའི་དོན་དུ་ཕུགས་བསམ་ཅན་དང་མཐོང་རྒྱ་ཅན་གྱི་བུད་མེད་ཉུང་ཤས་ཤིག་གི་སྙིང་རུས་དང་འཐབ་རྩོད་ལ་བརྟེན་ནས་གྲུབ་འབྲས་གང་ལེགས་ཐོབ་ཡོད་པར་མ་ཟད། དེང་སྐབས་ཨ་མི་རི་ཀར་བུད་མེད་ཚོར་སྐྱེས་པ་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད་པའི་བུད་མེད་རྣམས་རྒྱལ་སྤྱིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་གྱུར་ཏེ་ཨ་མི་ཀ་ནི་རྒྱ་སྤྱིའི་ཐོག་ཏུ་མིག་དཔེར་འོས་པའི་རྒྱལ་ཁབ་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་རེད།།

Your browser doesn’t support HTML5

ཨ་རིའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་གྲུབ་འབྲས།