ཡུ་གུར་བ་ཚོར་མྱུལ་ཞིབ་བྱེད་སྟངས་ཕྱི་འཁྱར།

༄༅།། ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་དུས་རྟག་ཏུ་ལྟ་ཞིབ་ཧ་ཅང་ནན་པོ་བྱེད་ཀྱི་ཡོད་པ་དང་བཙན་ཤེད་ཀྱི་སྒོ་ནས་ཡུ་གུར་བའི་ལག་ཐོགས་ཁ་པར་ལ་མྱུལ་ཞིབ་བྱེད་པའི་འཕྲུལ་ཆས་བཅུག་པ། ཡུ་གུར་བའི་ཁྱིམ་ཚང་ཁག་ཏུ་བཟའ་མི་ཚང་མར་ཉིན་མཚན་མེད་པར་ལྟ་ཞིབ་བྱེད་མཁན་རྒྱ་གཞུང་གི་ཉེན་རྟོག་པ་མཉམ་སྡོད་བྱེད་དུ་བཅུག་པ་སོགས་ཀྱི་བཙན་གནོན་ཕོག་གི་ཡོད་པར་མ་ཟད། ཁོ་ཚོ་ས་ཕྱོགས་གང་དུ་བསྐྱོད་ཀྱང་མྱུལ་ཞིབ་བྱེད་མཁན་པར་ཆས་བཙུགས་ཏེ་ཡུ་གུར་བ་གནས་ཡུལ་ཞིན་ཅང་ནི་དེང་སྐབས་བཙོན་རྭ་ཆེན་པ་ཞིག་ཏུ་གྱུར་ཡོད་པའི་གསང་བའི་གནས་ཚུལ་རྣམས་ལ་ཕྱི་ལ་འཁྱར་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

ཡུ་གུར་བ་ཚོར་མྱུལ་ཞིབ་བྱེད་སྟངས་ཕྱི་འཁྱར།