བཙུན་མའི་དགུན་ཆོས་ཐེངས་ལྔ་པ་ལེགས་གྲུབ།

Your browser doesn’t support HTML5

འདས་པའི་ཉིན་ཉི་ཤུ་ལྷག་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་འཕགས་མ་བདེ་བྱེད་མའི་བཙུན་མའི་དགུན་ཆོས་ཐེངས་ལྔ་པ་ཚོགས་པ་ལེགས་གྲུབ་བྱུང་ཡོད་ཅིང་། ད་ལོའི་དགུན་ཆོས་དེར་བཙུན་མ་བརྒྱ་ཕྲག་ཁ་ཤས་ཀྱིས་བསྡུས་གྲྭ་ནས་རྟགས་རིགས་སོགས་ཚད་མའི་གཞུང་ལ་ རྩོད་པ་དང་དམ་བཅའ་བཞག་ཡོད་པར་མ་ཟད། ཞོར་དུ་བསྟན་པ་རྒྱས་པའི་ཆོ་ག་ཚེ་རིང་མའི་སྒྲུབ་མཆོད་དང་སྒྲོལ་མའི་མནྜལ་བཞི་ཆོག་སོགས་རིམ་གྲོ་བསྒྲུབས་འདུག