ཨ་རིའི་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

Your browser doesn’t support HTML5

༄༅།། ཟླ་བ་རྗེས་མའི་ཕྱི་ཚེས་༡༢་ཏེ། རེས་མིག་དམར་ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་གིས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་འཆར་ཞིག་གོ་སྒྲིག་བྱ་འཆར་ཡོད་པའི་སྐོར། རིག་འཛིན་གྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་སྒྲུབ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།