ཨ་རིའི་བོད་ཕྲུག་ན་གཞོན་ཚོར་ཟབ་སྦྱོང་།

༄༅།། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་པ་གཞོན་སྐྱེས་ཚོར་དམིགས་པའི་ཟབ་སྦྱོང་གི་ལས་འཆར་གསར་པ་ཞིག་འགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་ཟུར་པ་སྟེ། སྐུ་གཤེགས་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་དེ་ཉིད་ཀྱི་མཚན་ཐོག་ཏུ་སྤེལ་རྒྱུའི་ལས་འཆར་འདི་ནི་ཨ་མི་རི་ཀའི་མཐོ་སློབ་འགྲོམ་བཞིན་པའི་བོད་ཕྲུག་ན་གཞོན་ཆབ་སྲིད་ཀྱི་ལས་དོན་ལ་དོ་སྣང་ཡོད་པ་དང་དོ་ཁུར་ལེན་མཁན་སློབ་ཕྲུག་གཉིས་གསུམ་ཞིག་འདེམས་སྒྲུག་བྱས་ནས་ཨ་མི་རི་ཀའི་གྲོས་ཚོགས་སུ་དབྱར་ཁའི་གུང་སེང་གི་རིང་ལ་ཕྲལ་སེལ་གྱི་ལས་སྦྱོང་གི་གོ་སྐབས་བསྐྲུན་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པའི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་ལགས་སུ་དཔལ་མོ་མཁས་གྲུབ་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

Your browser doesn’t support HTML5

ཨ་རིའི་བོད་ཕྲུག་ན་གཞོན་ཚོར་ཟབ་སྦྱོང་།