རྫོགས་ཆེན་རིན་པོ་ཆེ་རྙིང་མའི་ཁྲི་རབས་བརྒྱད་པར་འདེམས་བསྐོ་ཞུས་འདུག

Your browser doesn’t support HTML5

༄༅།།འདི་ཟླའི་ཚེས་༡༤དང་༡༥་ཡི་ཉིན་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་མི་དང་རྙིང་མའི་བླ་ཆེན་རྣམས་ལྷན་འཛོམས་གནང་ཡོད་པའི་སར་རྫོགས་ཆེན་རིན་པོ་འཇིགས་མེད་བློ་གསལ་དབང་པོ་སྔ་འགྱུར་རྙིང་མའི་དབུ་འཁྲིད་ཁྲི་རབས་བརྒྱད་པར་འདེམས་བསྐོ་ཞུས་ཡོད་འདུག ད་ནི་རྫོགས་ཆེན་རིན་པོ་ཆེ་སྐུ་ཉིད་ཀྱིས་མཚན་གནས་དེ་བཞེས་རྒྱུའི་ཞལ་བཞེས་གནང་ཚེ་རྙིང་མའི་དབུ་འཛིན་ཆགས་ཀི་ཡོད་པའི་སྐོར། ཕུན་ཚོགས་ཚེ་རིང་གིས་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།།