བོད་པ་ཚོ་ལྷ་སའི་ཁུལ་དུ་བཙན་སྤོར་བྱེད་དུ་འཇུག་གི་ཡོད་པ།

Your browser doesn’t support HTML5

བོད་ཀྱི་མདོ་ཁམས་གོ་འཇོ་དང་སྨར་ཁམས་ཁུལ་གྱི་བོད་མང་པོ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཆབ་མདོ། གཞི་ཀ་རྩེ་དང་ལྷོ་ཁ། ཉིང་ཁྲི་བཅས་ལ་བཙན་སྤོར་བྱེད་དུ་འཇུག་གི་ཡོད་ཅིང་། ད་ལོའི་ལོ་གསར་རྗེས་སུ་ཁམས་ཁུལ་གྱི་བོད་པ་ཚོ་མུ་མཐུད་དུ་དབུས་ཁུལ་ལ་གནས་སྤོར་བྱ་དགོས་པའི་འཆར་གཞི་ཡོད་པའི་སྐོར། རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།