༧གོང་ས་མཆོག་གིས་ཉི་ཧོང་གི་ས་ཡོམ་གོད་ཆག་བྱུང་སར་ཐུགས་སྨོན།

Your browser doesn’t support HTML5

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དེང་སྐབས་ཉི་ཧོང་ལ་ཕེབས་ནས་མཛད་འཕྲིན་རྒྱ་ཆེན་པོ་ཞིག་སྐྱོང་བཞིན་ཡོད་ཅིང་། གཟའ་ལྷག་པ་སྟེ། ཕྱི་ཟླ་༡༡་ཚེས་༢༡་ཉིན་༧གོང་ས་མཆོག་ཉི་ཧོང་ལ་ལོ་གཉིས་ཀྱི་གོང་དེར་ས་ཡོམ་གྱི་གོད་ཆག་ཚབས་ཆེན་འབྱུང་ཡུལ་ལྷོ་ཕྱོགས་ས་ཁུལ་དེར་མཁའ་ཐོག་ཏུ་ཆིབས་སྒྱུར་གནང་ནས་ཐུགས་སྨོན་གནང་ཡོད་པ་དང་། གཟའ་པ་སངས་ཉིན་སྐབས་དེར་རྐྱེན་ངན་གོད་ཆག་ཁྲོད་དུ་རྐྱེན་འདས་སུ་གྱུར་པའི་འདས་པོ་རྣམས་ཀྱི་ཆེད་དུ་མཆོད་འབུལ་དང་སྨོན་ལམ།