ཁྲེན་ཆོན་གོ་དང་ནུབ་ཕྱོགས་པའི་གཞུང་ཚབ་པ་བཅོ་ལྔ།

Your browser doesn’t support HTML5

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་མཚམས་འཇོག་དང་ཡུ་གུར་བ་བཀག་ཉར་བྱེད་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་ཅིང་།