རྨ་ཆུ་ཟི་ལིང་དུ་འདྲེན་འཆར།

Your browser doesn’t support HTML5

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་འོག་ཏུ་རྨ་ཆུ་ཟི་ལིང་གྲོང་ཁྱེར་དུ་འདྲེན་རྒྱུའི་ལས་གཞི་ཞིག་གི་འགོ་ཚུགས་འདུག རྨ་ཆུ་ཟི་ལིང་གྲོང་ཁྱེར་དུ་འདྲེན་རྒྱུའི་ལས་གཞིའི་འདིའི་ཆེད་དུ་ད་ལོའི་ཟླ་བ་༩་པའི་་ཟླ་མཇུག་ནས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་གཞི་འདི་ལག་བསྟར་བྱེད་མཁན་གྱི་འགོ་ཁྲིད་ཚོགས་ཆུང་ཤིག་བཙུགས་ཤིང་།