ཀུ་ལུ་མ་ན་ལིའི་བོད་པའི་གཞིས་ཆགས་ལ་ཆུ་ལོག

Your browser doesn’t support HTML5

རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་ས་གནས་གང་སར་འཆར་ཞོད་ཀྱི་རྐྱེན་པས་ཀུ་ལུ་ལུང་གཤོང་གི་བྷི་ཡ་སི་ཆུ་བོ་བྲུག་སྟེ་ཀུ་ལུ་མ་ན་ལིར་ཆུ་ལོག་རྒྱུགས་ཏེ་བོད་པའི་གཞི་ཆགས་ཁག་ལ་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོ་བསྟན་འཛིན་ངག་དབང་གིས་ཁུལ་དེའི་བོད་པའི་ས་ཁུལ་ཁག་ལ་ཆུ་ལོག་གི་དཀའ་ངལ་ཅི་ཞིག་འཕྲད་བཞིན་ཡོད་མེད་སོགས་ལ་འགྲེལ་བརྗོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསར་གནང་།