ཁྲིམས་ཞིབ་པ་གཞན་དེ་འོས་འདེམས།

Your browser doesn’t support HTML5

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཉིན་གཉིས་པར་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ཁྲིམས་ཞིབ་པ་གཞན་དེར་འོས་འདེམས་བྱུང་ཡོད་པ་རེད། དེ་ཡང་སྤྱི་འཐུས་རྣམ་པས་འོས་མི་གཉིས་ཏེ། ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་དང་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་གཉིས་ལ་འོས་ཤོག་འཕངས་པའི་རྗེས་སུ་འོས་གྲངས་༢༡་དང་༡༩་ཁྱད་པར་ཐོག་ཏུ་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལ་མང་མོས་བྱུང་ནས་ཁྲིམས་ཞིབ་པ་གཞན་དེར་འོས་འདེམས་བྱུང་ཡོད་པ་སོགས་ཀྱི་སྐོར།