ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་ཆེན་མཇུག་སྒྲིལ།

Your browser doesn’t support HTML5

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལར་རྒྱལ་ཁབ་ ༡༥ ནས་སླེབས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་ལྷན་ཚོགས་ཐོག་བཅར་མཁན་རྣམས་ལ་དམིགས་བསལ་བཀའ་སློབ་བསྩལ་བ་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་དེ་རིང་མཇུག་བསྒྲིལ་བའི་ཚོགས་འདུ་འདི་ནི་གོ་སྒྲིག་བྱས་པ་ནང་བཞིན་ཡག་པོ་བྱུང་ཞེས་གསུངས་ཡོད།།