༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བྷང་གྷ་ལོ་རུ་ཞབས་སོར་བདེ་བར་འཁོད་པ།

Your browser doesn’t support HTML5

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཤེས་ཡོན་ཚོགས་པ་ཞིག་གིས་གདན་ཞུས་ལྟར་རེས་གཟའ་ཕུར་བུ་ཉིན་རྒྱ་གར་ལྷོ་ཕྱོགས་བྷང་གྷ་ལོ་རུ་ཞབས་སོད་འཁོད་ཡོད་པ་དང་། ས་གནས་དེར་ཉིན་བཞི་ཡི་རིང་གི་མཛད་འཆར་ཁོངས་སུ་རྒྱ་གར་གྱི་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་རྒྱུ་དང་། རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་བཙན་བྱོལ་བོད་མིའི་ལས་འགུལ་ལ་ཆིབས་བསྒྱུར་གནང་རྒྱུ་སོགས་ཚུད་ཡོད་པས། དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ལྡི་ལི་དོན་གཅོད་ཟུར་པ་བསྟན་པ་ཚེ་རིང་ལགས་ལ་བཀའ་འདྲི་ཞུས་པ་