ཉི་མ་ལྷ་མོ་དང་ཁྱིམ་རྒྱུད་ཀྱི་མྱོང་བ།

༄༅།།ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་ཉེ་ཆར་ཐེ་ཝན་དུ་བསྐྱོད་དེ་ཉིན་བཅུ་ལྷག་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡི་སྐོར་གཙོ་བྱས་པའི་བོད་དོན་གཏམ་བཤད་དང་གནད་ཡོད་མི་སྣར་ཐུག་འཕྲད། གསར་ཁང་ཁག་གི་དྲི་བར་ལན་འདེབས་གནང་བ་བཅས་ཀྱི་ལས་དོན་བསྐྱངས་ཡོད་པ་རེད།

ལྷག་པར་དུ་ཐེ་ཝན་གཞུང་འབྲེལ་གནད་ཡོད་མི་སྣར་ཐུག་འཕྲད་དང་ཐེ་ཝན་གཞུང་གཉེར་གསར་ཁང་ཁག་གི་དྲི་བར་ལན་འདེབས་གནང་བ་བཅས་ལས། རྒྱ་ནག་གི་སྲིད་ཇུས་འོག་ནས་གོད་ཆག་བྱུང་བའི་བོད་ཀྱི་ཁྱིམ་རྒྱུད་ཅིག་གི་མངོན་སུམ་མྱོང་བ་བཤད་པ་ལ་སྟོབས་ཤུགས་ཆེན་པོ་ཡོད་པ་འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བ་བཅས་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བྱས་ཡོད།

Your browser doesn’t support HTML5

ཉི་མ་ལྷ་མོ་དང་ཁྱིམ་རྒྱུད་ཀྱི་མྱོང་བ།