སློབ་སྤྱི་ཚོར་ཟབ་སྦྱོང་ཚོགས་འདུ།

Your browser doesn’t support HTML5

༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་གར་གྱི་བོད་པའི་སློབ་གྲྭ་༢༦་གི་སློབ་སྤྱི་ཚོར་ལང་ཚོ་དར་བཞིན་པའི་བོད་ཕྲུག་རྣམས་སྐྱེད་སྲིང་བྱེད་སྟངས་ཀྱི་ཟབ་སྦྱོང་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཟབ་སྦྱོང་ཚོགས་འདུ་འདིའི་དབུ་འབྱེད་མཛད་སྒོར་འཕྲོད་བསྟེན་བཀའ་བློན་ཕེབས་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།