བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ།

Your browser doesn’t support HTML5

བལ་ཡུལ་གྱི་སྲིད་བློན་ཀེ་པི་ཨོ་ལི་རྒྱ་ནག་ལ་ཉིན་དྲུག་གི་འཚམས་འདྲིར་ཕེབས་ནས་དེ་རིང་ཕྱི་ཚེས་༡༩་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་འབྱོར་ཟིན་ཡོད་ཅིང་། ཐེངས་འདིའི་སྲིད་བློན་ཨོ་ལིའི་འཚམས་འདྲིའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་བཅས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་གནང་སྟེ་བལ་ཡུལ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྒྱ་བསྐྱེད་གནང་ཕྱོགས་སུ་གྲོས་མོལ་གནང་འཆར་ཡོད་པར་མ་ཟད།