རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་།
Your browser doesn’t support HTML5
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་དྲུག་པའི་ཚེས་༤་ནས་བདུན་ཕྲག་གཅིག་རིང་༢༠༡༨་ལོའི་བོད་རིགས་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་གནང་བཞིན་པ་དང་། ཨ་རིའི་ནང་སློབ་གྲྭ་ཆེན་མོ་འགྲིམས་བཞིན་པའི་བོད་རིགས་གཞོན་སྐྱེས་བཅུ་ཐམ་པ་ཟབ་སྦྱོང་འདིའི་ནང་མཉམ་ཞུགས་བྱས་ཡོད། དེ་རིང་ང་ཚོའི་འཕྲིན་གཏོང་ཁང་དུ་ཁོ་ཚོའི་གྲས་ནས་བསྟན་འཛིན་དབྱངས་སྐྱིད་ལགས་དང་བསྟན་འཛིན་ཐུབ་བསྟན་ལགས་རྣམ་གཉིས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་པ་ཡིན།