བྱང་ཀོ་རི་ཡར་ད་དུང་ཡང་གྲོས་མོལ་བྱ་འདོད་ཡོད་ཟེར།

Your browser doesn’t support HTML5

༄༅།། ཕྱི་ཟླ་༥་ཚེས་༢༤་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཕྱིར་འཐེན་བྱས་པ་ཡིན། ཉེ་དུས་ཤིག་ནས་བྱང་ཀོ་རི་ཡས་སྡང་ཟུག་དགྲར་འཛིན་གྱི་གཏམ་བསྒྲགས་རིམ་པ་ཞིག་སྤེལ་བ་དེ་ལ་བལྟས་ཚེ། ད་ལྟའི་སྐབས་འདིར་ང་ཚོ་ཕྱི་ཟླ་༦་ཚེས་༡༢་ཉིན་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་འོས་འཚམས་ཤིག་མ་རེད་ཅེས་ཐག་བཅད།