བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་དང་གྲུབ་འབྲས།

Your browser doesn’t support HTML5

༄༅།། འདས་པའི་ཉིན་དྲུག་གི་རིང་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢་པ་སྐོང་ཚོགས་བྱས་ནས་གནད་དོན་མང་པོར་གྲོས་བསྡུར་བྱས་ཡོད་པ་མ་ཟད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ཀྱང་གསར་དུ་འོས་འདེམས་བྱུང་ཞིང་། དེ་རིང་གི་ཀུན་གླེང་ལས་རིམ་གྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་དེའི་གྲུབ་འབྲས་དང་བུད་མེད་ལྷན་ཚོགས་ལ་དུས་བསྟུན་གདོང་ལེན་བྱ་དགོས་པ་ཅི་ཡོད་བཅས་ལ་གླེང་མོལ་ཞུ་རྒྱུ་ཡིན།།