༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་ཚོར་མཇལ་འཕྲད།

Your browser doesn’t support HTML5

རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༢༠་ལྷག་གིས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། སྐུ་ཚབ་ཚོགས་པ་དེ་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་འཕེལ་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་ཡིན་ཞིང་། ཚོགས་ཆུང་དེས་རྒྱ་གར་གྱི་གྲངས་ཉུང་མི་རིགས་ཁག་དང་རིགས་རུས་དམན་པར་གྲགས་པའི་ཡུལ་མི་ཚོར་ལྟ་རྟོག་གི་ལས་འགན་ཁུར་ཡོད་པ་རེད།