གཞས་པ་སྤེན་པ་ཚེ་རིང་།

Your browser doesn’t support HTML5

གཞས་པ་སྤེན་པ་ཚེ་རིང་ལགས་ནི་བཀྲག་མདངས་ཆེ་བའི་འཁྲབ་ཆས་གྱོན་མཁན་དང་དམིགས་བསལ་གྱི་གར་ཉམས་ཅན་ཞིག་ཏུ་ངོས་འཛིན་བྱེད་ཅིང་། ལོ་མང་རིང་གི་འཁྲབ་སྟོན་དང་རོལ་དབྱངས་དགེ་རྒན་གྱི་ཉམས་མྱོང་གཅིག་ཏུ་སྤུངས་པར་བརྟེན། བོད་མིའི་སྤྱི་ཚོགས་སུ་དགའ་མོས་ཆེན་པོ་གནང་སའི་སྒྱུ་རྩལ་མི་སྣ་ཞིག་ཆགས་ཡོད། ཁོང་གིས་ད་བར་བོད་གཞས་ཀྱི་འོད་སྡེར་ལྔ་འགྲེམས་སྤེལ་གནང་ཡོད་པ་རེད།