‘ང་བོད་ལ་ལོག་རྒྱུ་ལས་ཀྱང་བོད་ཀྱི་རིག་གཞུང་རྩ་ཆེན་ཡིན།’

Your browser doesn’t support HTML5

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་རྒྱལ་བ་༡༥༠༠་ཙམ་ལ་དམིགས་བསལ་གྱི་མཇལ་ཁ་གནང་སྟེ་བོད་དོན་དང་འབྲེལ་བའི་བཀའ་སློབ་ཁག་ཅིག་གནང་ཡོད་པ་སྟེ། ༧གོང་ས་མཆོག་གིས་ང་བོད་ལ་ཕྱིར་ལོག་བྱ་རྒྱུ་ལས་ཀྱང་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་བ་ཡིན་ཞེས་གསུངས་ཡོད་པའི་སྐོར།