མོན་གྷོཌ་རུ་ཁག་ལ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་པོ་ལོའི་གསེར་གྱི་གཟེངས་རྟགས་ཐོབ་འདུག

རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་པོ་ལོའི་མཐའ་མའི་འགྲན་སྡུར་ནང་མོན་གྷོཌ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་གིས་སྒང་ཏོག་རྐང་རྩེད་པོ་ལོའི་རུ་ཁག་ལ་པོ་ལི་གཉིས་དང་ཀླད་སྒོར་གྱི་བར་ཁྱད་ཐོག་ཕམ་ཉེས་བཏང་ནས་མོན་གྷོཌ་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་འདུག་པ་དང་། དེ་ཡང་རེས་གཟའ་མིག་དམར་ཉིན་བྷེ་ལ་ཀུ་པི་བོད་མིའི་གཞིས་ཆགས་ཀྱི་བདེ་སྐྱོད་སླར་གསོའི་་རྩེད་ཐང་དུ་ལོ་འདིའི་རྒྱལ་ཡུམ་ཆེན་མོ་རྐང་རྩེད་པོ་ལོའི་གསེར་གྱི་རྟགས་མའི་མཐའ་མའི་རུ་ཁག་གཉིས་དབར་འགྲན་སྡུར་བྱས་འདུག

Your browser doesn’t support HTML5

མོན་གྷོཌ་རུ་ཁག་ལ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་པོ་ལོའི་གསེར་གྱི་གཟེངས་རྟགས་ཐོབ་འདུག