སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ།

Your browser doesn’t support HTML5

དེ་རིང་ཕྱི་ཟླ་༣་པའི ཚེས་༡༤་ནས་བཞུགས་སྒར་དུ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་ཡོད་ཅིང་། ཕྱི་ཟླ་༣་ཚེས་༢༤་སྟེ། རེས་གཟའ་སྤེན་པ་བར་དུ་དུས་ཡུན་ཉི་མ་བཅུ་ལ་གྲོས་ཚོགས་འཚོགས་རྒྱུ་ཡིན་པ་མ་ཟད། གྲོས་ཚོགས་དབུ་འཛུགས་སྐབས་སུ་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་ཡིད་ཆེས་འཕེལ་རྒྱུ་ལས་ཡི་ཐང་མ་ཆད་པ་ཞིག་གནང་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་ཞེས་འབོད་སྐུལ་ཞུས་ཡོད་པའི་སྐོར།