མཉམའབྲེལ་རྒྱལ་ཚོགས་ཀྱི་ལྷ་སའི་གཙུག་ལག་ཁང་དུ་ལྟ་སྐོར་ལ་སྐྱོད་འདོད་ཡོད་སྐོར།

ཚང་མས་དོ་སྣང་བྱེད་ཡུལ་དུ་འགྱུར་པའི་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་དེ་སྐབས་ཤིག་རིང་ཞི་འཇགས་སུ་སོང་ཡོད་ན་ཡང་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཡན་ལག་ཚོགས་པ་༡༡༧གྱིས་ལྷ་སའི་གཙུག་ལག་ཁང་དུ་མེ་སྐྱོན་ཇི་ཙམ་བྱུང་མིན་ཐད་རྟོགས་ཞིབ་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་སྙན་ཞུ་ཕུལ་ཡོད་པས། ལྷ་སར་དམིགས་བསལ་ཞིབ་འཇུག་ཚོགས་ཚུང་ཞིག་སྐྱོད་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལན་འདེབས་གནང་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

Your browser doesn’t support HTML5

མཉམའབྲེལ་རྒྱལ་ཚོགས་ཀྱི་ལྷ་སའི་གཙུག་ལག་ཁང་དུ་ལྟ་སྐོར་ལ་སྐྱོད་འདོད་ཡོད་སྐོར།