སྲིད་སྐྱོང་བྷེལ་ཇེམ་ལ་ཕྱོགས་སྐྱོད།

Your browser doesn’t support HTML5

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ཕྱི་ཚེས་༢༠་ཉིན་ ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་གཟའ་མཇུག་གི་བོད་ཡིག་སློབ་གྲྭའི་སྐད་ཡིག་གི་འགྲན་སྡུར་ལ་མཉམ་ཞུགས་གནང་སྟེ། ཁ་སང་ཕྱི་ཚེས་༢༡་སྟེ། རེས་གཟའ་ཉི་མའི་ཞོགས་པར་སུད་ཛར་ལན་ཌི་ནས་བྷེལ་ཇེམ་ལ་ཕེབས་ཡོད་ཅིང་། བྷེལ་ཇེམ་དུ་འབྱོར་མ་ཐོག་ཏུ་སྲིད་སྐྱོང་གིས་ས་གནས་དེར་བོད་པ་ཚོར་ཐུག་འཕྲད་དང་གཏམ་བཤད་བྱས་ཡོད་པའི་སྐོར།