རྒྱ་ནག་ལ་ཉེས་ཆད་གཅོད་པའི་ཚོང་ལས་སྲིད་ཇུས།

Your browser doesn’t support HTML5

༄༅།།ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་སྲིད་འཛིན་གྱི་འོས་མིར་ལངས་པའི་དུས་སུ་རྒྱ་ནག་གིས་ཚོང་ལས་དྲང་སྙོམས་ཤིག་བྱེད་ཀྱིན་མེད་པ་དང་། ང་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་རྒྱུ་ཡིན། རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱིན་ཡོད་པའི་དངོས་ཟོག་ཁག་ཅིག་གི་དཔྱ་ཁྲལ་སྤར་རྒྱུ་ཡིན་ཞེས་ངར་སྐད་ཆེན་པོ་བསྒྲགས་ཡོད།